བོད་རང་བཙན་སློབ་ཕྲུག་ཚོགས་པ།
དམིགས་ཡུལ།
བོད་རང་བཙན་སློབ་ཕྲུག་ཚོགས་པས་གཞིས་བྱེས་བོད་མི་ཚོ་དང་ལྷན་དུ་གདུང་སེམས་མཉམ་སྐྱེད་ཀྱིས་སྒོ་ནས་བོད་རང་དབང་རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད།
ང་ཚོ་ནི་འཛམ་གླིང་གི་ཁྱོན་དུ་ས་གནས་ཡན་ལག་ཚོགས་པ་གཞི་རྩར་བྱས་པའི་གཞོན་སྐྱེས་ལས་འགུལ་བའི་འབྲེལ་མཐུད་ཚོགས་པ་ཞིག་ཡིན།
ང་ཚོས་སློབ་གསོ་དང༌། མང་ཚོགས་ཀྱི་ལས་འགུལ་གོ་སྒྲིག ཐད་ཀའི་འཚེ་བ་སྤངས་པའི་བྱེད་ལས་བཅས་བརྒྱུད་དེ་བོད་མིའི་གཞི་རྩའི་ཐོབ་ཐང་སྲིད་དོན་རང་དབང་གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།
ང་ཚོའི་ལས་འགན་དེ་འཛམ་གླིང་རྒྱ་ཁྱབ་ཏུ་སྤྱི་ཚོགས་དྲང་བདེན་ཞིག་ཡོང་བའི་ལས་འགུལ་གྱི་ནང་དུ་གཞོན་སྐྱེས་འགོ་ཁྲིད་སྐྱེ་སྲིངས་དང་ཁོང་ཚོར་སྦྱོང་བདར་བྱེད་རྒྱུ་དེ་ཡིན།
དམིགས་འབེན།
ང་ཚོས་བོད་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དང་ལྷན་དུ་སྤྱིར་མང་ཚོགས་དང་དམིགས་བཀར་གྱིས་གཞོན་སྐྱེས་ཚོར་གང་དུ་ཁོར་ཡུག་དང་སྐྱེ་དངོས་ཡོངས་ལ་བརྩི་བཀུར་ལྡན་ལ།
བཙན་གནོན་བྲལ་ཞིང༌། དྲང་བདེན་དང་འདྲ་མཉམ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་སྐུལ་མ་ཡང་ཞུ་གི་ཡོད།
རིན་ཐང༌།
ང་ཚོས་སྐྱེ་བོ་སྒེར་རེ་རེར་རང་དབང་གི་ཐོབ་ཐང་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།
རང་དབང་ཡོད་མཁན་ཚོར་འཛམ་གླིང་གི་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པའི་ནུས་པ་ལྡན་ལ་འགན་ཁུར་ཡང་ཡོད།
ང་ཚོས་མང་ཚོགས་ལ་འགྱུར་བ་དེ་མངོན་པར་བཟོ་ཆེད་དུ་སྐུལ་མ་དང་སེམས་འགུལ་གཏོང་བའི་གོ་སྐབས་བསྐྲུན་ཐབས་བྱེད་ཀྱི་ཡོད།
ང་ཚོས་དྲང་བདེན་དང་འདྲ་མཉམ་གྱི་འཛམ་གླིང་ཞིག་ཡོང་བར་འབད་རྩོལ་བྱེད་པ་དང་ལྷན་དུ་ལས་དོན་ཇི་འདྲ་ཞིག་བྱས་ཀྱང་རིག་རྩལ་གསར་གཏོད་ཀྱི་ཐབས་ལམ་བསྟེན་པ་གང་ཞིག་ལ།
སྣང་བ་སྐྱིད་པོ་བྱེད་པ་དེ་ཡང་དགོས་ངེས་ཅན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།
བོད་རང་བཙན་སློབ་ཕྲུག་ཚོགས་པ་སྐོར་ལ་བརྙན་འཕྲིན་མདོར་བསྡུས་ཞིག་གཟིགས་ན་འདིར་མཐེབ་གནོན་གྱིས།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་དང་འབྲེལ་མཐུད་དགོས་ན་འདིར་མཐེབ་གནོན་གྱིས།
བོད་རང་བཙན་སློབ་ཕྲུག་ཚོགས་པ་ཡི་ཚོགས་མི་ཚོའི་སྐོར་ལ་མཁྱེན་འདོད་འདུག་ན་འདིར་མཐེབ་གནོན་གྱིས།
ཞལ་འདེབས་སྐྱོན་གནང་རོགས།
བོད་ལ་རང་དབང་ཐོབ་ངེས་རེད། |